Miscellanea

In this section are stories, poems, short tracts and pieces which have not been published formally.

Letters

On the BBC film Lost Land of the Tiger

2012 | London

Read it here.

Response to a Letter in Kuensel from Dzongsar Khyentse Rinpoche

2011 | Cambridge and Thimphu

The response to Rinpoche’s piece in Kuensel appeared initially in Bhutan Observer.

Read it here

The Direction of Bhutan’s Education

2009 | Thimphu

Read it here.

Editorial Power and Manipulation

2006 | Paris

Read it here.

Will the Buddha be pleased?

2006 | Thimphu

Read it here.

Musings

Morning Musings on New Year’s Day

2025 | Thimphu

Early morning musings watching the sun rise on the Dagala range. How fortunate to start another day, another month, and another year with health, harmony, and happiness!

May all sentient beings attain happiness and the cause of happiness.

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག།

Read here

ཧོང་ཀོང་ལ་ཟབ་ཆོས་ཐོབ་རྗེས་ཀྱི་དྲན་སྣང་། Reflections after receiving spiritual teachings in Hongkong

2025 | Hongkong

༄༅། །ཡུལ་ལྗོངས་མཛེས་པ་ཧོང་ཀོང་མཚོ་གླིང་གི་དབུས་སུ། །སྤྱི་མཐུན་བསོད་ནམས་དཔག་མེད་རྒྱུ་ཚོགས་ལས་གྲུབ་པའི། །རྨད་བྱུང་གྲོང་ཁྱེར་ཉམས་དགའི་ཁང་ཆེན་གྱི་སྟེང་དུ། །སྐྱབས་མཆོག་བླ་མ་ཨ་ལག་རྒྱལ་བསྟན་གྱི་ཉི་མ། །དེ་ལས་ཆོས་ཚུལ་འཛིན་པ་རང་ས་རུ་གྲོལ་ཞིང་། །བླ་རྫོགས་ཐུགས་ཀྱི་ཐིག་ལེ་ཅིག་ཅར་དུ་ཆུབ་པའི། །སྨིན་གྲོལ་བདུད་རྩི་འཇོ་བའི་སྐལ་ལྡན་གྱི་ཆོས་གྲོགས། །མཁྱེན་བརྩེའི་བདག་ཉིད་མཁན་སྤྲུལ་མཁའ་འགྲོ་ཡི་གྲལ་དུ། །ངེས་མེད་རྒྱལ་ཁམས་ཉུལ་བའི་རིས་མེད་ཀྱི་འཁྱམས་པོ། །སྣ་ཚོགས་ཀརྨར་སྤྱོད་པའི་འདུ་འཛི་ཡི་དབང་པོ། །རང་ཡང་ཆོས་གྲལ་འགྲིམས་པའི་སྐལ་བཟང་དེ་ཐོབ་པ། །གྲོགས་དང་བླ་མའི་ཐུགས་རྗེ་མ་ཡིན་ན་ཅི་ཞིག །དེ་རིང་ཁང་ཆེན་འཁྲིགས་པའི་ཁྲོམ་ཆེན་ལ་བསྐོར་ནས། །འཇིག་རྟེན་ཡོ་ལང་ཆེ་བའི་ལྟད་མོ་ཞིག་བལྟས་པས། །རང་བཞིན་ཡེ་ནས་མེད་པའི་སྣང་བ་དེ་འུར་ཚེ། །ཀུན་ཀྱང་བདེ་བའི་བྱམས་སེམས་ཡུད་ཙམ་ཞིག་སྐྱེས་བྱུང་། །དེ་ཉིད་བླ་མ་དགྱེས་པའི་མཆོད་སྤྲིན་དུ་སྨོན་ལ། །ཆོས་གྲོགས་མཁའ་འགྲོ་མཉེས་པའི་ལེགས་སྐྱེས་སུ་འབུལ་ན། །མཐའ་ཡས་ཐུགས་རྗེའི་འཇུག་པ་ལྷོད་མེད་དུ་གཟིགས་ཏེ། །མཐར་ཐུག་ཚོམ་བུ་གཅིག་ཏུ་གྲོལ་བ་ཞིག་གནང་རོགས། །

Joyous Reflection on Receiving Books from the UK

2025 | Bodhitse

༈ བདག་གི་ཕན་བདེའི་འབྱུང་གནས་དྲིན་པོ་ཆེ། །སྔོན་དུས་གཅིག་ཏུ་འགྲོགས་པའི་དཔེ་ཆའི་ཚོགས། །ལོ་མང་མཇལ་རྒྱུ་མེད་པའི་སེམས་ཟུག་དེ། །དེ་རིང་ཧད་ཀྱིས་སངས་ནས་དགའ་བས་བརྟས། །བྱིས་ཆུང་མི་གྲལ་བཙུགས་པའི་ཕ་མ་བཞིན། །སློབ་བུ་ཤེས་ཡོན་བསྩལ་བའི་སློབ་དཔོན་བཞིན། །ལེགས་ཉེས་བླང་དོར་སྟོན་པའི་བཤེས་གཉེན་ནི། །ཤོག་ངོས་གནས་པའི་ཆོས་ཚུལ་འདི་དག་ལགས། །དོན་ཆེན་ངོ་སྤྲོད་གནང་བའི་བླ་མ་སྟེ། །ཕུན་ཚོགས་དཔལ་རྣམས་སྟེར་བའི་ཡི་དམ་ལྷ། །འདི་ཕྱིའི་དོན་པོ་སྒྲུབ་པའི་མཁའ་འགྲོ་་ཡང་། །ཤོག་ངོས་གནས་པའི་ཆོས་ཚུལ་འདི་དག་ལགས། །འདི་ནི་སྐྱོ་ངལ་མེད་པའི་གཡོག་གི་མཆོག །རེ་དོགས་འགྱུར་བ་མེད་པའི་་གཉེན་གྱི་མཆོག །ཕན་ཐོག་ཆོག་པ་མེད་པའི་གྲོགས་ཀྱི་མཆོག །ཤོག་ངོས་གནས་པའི་ཆོས་ཚུལ་འདི་དག་ལགས། །འདི་རྣམས་བསྟན་པ་ཆོས་ཀྱི་སྐུ་ཡིན་ཏེ། །འཛིན་པས་འཇིག་རྟེན་གཡེང་བའི་ལམ་ལས་གྲོལ། །མཇལ་བས་མི་ཤེས་རྨོངས་པའི་སྨག་ལས་གྲོལ། །རྟོགས་པས་ཁམས་གསུམ་སྲིད་པའི་སྒྲོག་ལས་གྲོལ། །ཐོག་མར་ཀླག་པས་ཐོས་པའི་ཤེས་རབ་བསྐྱེད། །བར་དུ་གཞིག་པས་བསམ་པའི་ཤེས་རབ་བསྐྲུན། །མཐའ་མར་ལག་ལེན་སྒོམ་པའི་ཤེས་རབ་བྱུང་། །ཆོས་སྐུའི་འཕྲིན་ལས་འདི་ལས་གཞན་ན་ཅི། །དེས་ན་དེ་རིང་དཔེ་ཆའི་མགྲོན་པོ་ཆེ། །བོ་དྷི་རྩེ་ཡི་ཆོས་མཛོད་ག་ལ་བར། །ཕེབས་པས་ཐིམ་ཡུལ་རིག་པའི་བློ་ཅན་རྣམས། །མཆོག་ཏུ་དགྱེས་པའི་རིག་པའི་མཆོད་པར་མཛོད། ། དཔེ་ལ་མཆོག་ཏུ་དད་པའི་ལས་མིང་པས་ཤར་མར་ཐལ།། །།
Welcome to your new home, my old friends! What little virtue I possess or meaning I found in life is largely thanks to you – dharmakaya in print. After a decade of separation, I am overjoyed to be reunited with you. May you make many new friends and spread such joy from this new home, Bodhitse library, which is open to public (although its main programmes remain suspended for now due to Thimphu Thromde‘s tardy works.)

For helping a thousand ‘friends’ cross numerous seas and cities, my gratitude goes to Namgyel Wangchuk, Decheñ Rabgyal, Lopen Karma Wangchuk in Kolkata, Rinchen Lhazom, Dorji Tashi and Tshewang Dorji.

Read here also

Heartwarming Rejuvenation of Drukpa-Sakya Relations

2024 | Thimphu

Read it here.

An Epistolary Fiction

2021 | Thimphu

In response to Jurmi Chhowing’s Ap Genyen of Thimphu.

Read it here.

Head or Tail: A Curious Case of Cultural Hairsplitting in Bhutan

2020 | Thimphu

Read it here.

The Prayer Flag Debate

2020 | Thimphu

Read it here.

Covid Musings: Compassion for Immunity

2020 | Thimphu

Read it here.

Review of Pemi Tshewang Tashi and The Next Guardian

2018 | Thimphu

Read it here.

Can the dragons fly together?

2012 | Thimphu

Read it here.

ཀློང་ཆེན་རྣམ་ཐར་ཆོས་བཤད།

1996 | Namdrolling

Read it here.

Poems

Calling From Afar: Connecting with Gerard Tardy

2026 | Thimphu

Playing on Rimbaud’s Le Dormeur du Val, Lopen Karma Phuntsho recalls Gerard.

C’est un trou de verdure, où chante une rivière

Accrochant follement aux herbes des haillons

D’argent; où le soleil, de la montagne fière,

Luit: c’est un petit pays qui mousse de rayons.

A towering figure, eyes piercing, camera held in hand

There you stood, my friend, in Ajaney’s hidden land.

Lost some weight? I teased. Not from the miles we hiked.

But running out of rations on the trail Anne liked.

From Tiger’s Nest to Lhuntse’s jagged crest,

From Laya’s frozen heights to Gelephu’s warm plain

We crossed mountains and valleys with zest,

Bent on helping those who linger in vain.

From Ashok’s avacados to Zamin’s menstrual pads

From Chilli chocolate to Chilli Quest tech

For many seeker’s mind and the big dreams they had,

You are the guiding star in their life’s unfolding trek.

We will go further, Gerard, in steps and in life

With your spirit renewed and untangled mind

As scholars and entrepreneurs, with gratitude so rife,

Ask us in multitude to help them become our kind.

Loden stands firm as a legacy of your grace,

This mountainous land of herbs as your spiritual home

In this life, the next one, and every time and space,

Until we merge in the state of enlightened form.

When the songs of memorials soar over Marc Sur Mer,

Many hearts will chime back, like a colt to a mare.

In remote shrines, butter lamp flames will dance

To the rhythm of chants in a timeless, deep trance.

Abientot! My friend, see you in a few moons,

When the meadows of the Alps are exploding in bloom.

In the crisp air of Aiguilles, we will saunter soon

Until you rest in eternity, free from every gloom.

An Abecedarian Poem

1993 | Ngagyur Nyingma Institute, Mysore

This is a short abecedarian poem in Classical Tibetan written at the request of an old friend Khenpo Jurmey Kuenzang Tenzin when he and Lopen Karma Phuntsho were students at Ngagyur Nyingma Institute, Mysore

Read the poem here

༄༅། །བཤེས་གཉེན་དམ་པ་ལ་དད་པའི་གསོལ་འདེབས་གསུམ་ལྡན་མ།

14 April 2025 | Thimphu

ས་གསུམ་བླ་མ་མང་མོད་ཀྱི། །གསུམ་ཚན་ཚང་བ་ཁྱེད་འདྲ་དཀོན། །ཐོས་བསམ་སྒོམ་གསུམ་ཁྱེད་ཀྱིས་མཛད། །འཆད་རྩོད་རྩོམ་གསུམ་ཁྱེད་ཀྱིས་གནང་། །མཁས་བཙུན་བཟང་གསུམ་ཁྱེད་ལ་ཚང་། །བཤད་སྒྲུབ་ལས་གསུམ་ཁྱེད་ཀྱིས་སྤེལ། །གཞི་གསུམ་ཆོ་གར་ཁྱེད་ཉིད་མཆོག །ཚིགས་གསུམ་མཁན་པོ་ཁྱེད་འདྲ་མེད། །སྡེ་སྣོད་གསུམ་པོ་ཁྱེད་ཀྱིས་འཛིན། །བསླབ་པ་གསུམ་པོ་ཁྱེད་ལ་ལྡན། །འཁོར་གསུམ་ཆོས་འཁོར་ཁྱེད་ཀྱིས་བསྐོར། །རིགས་གསུམ་གདུལ་བྱ་ཁྱེད་ཀྱིས་འདྲེན། །སྦྱིན་པ་རྣམ་གསུམ་ཁྱེད་ཀྱིས་སྦྱིན། །ཚུལ་ཁྲིམས་གསུམ་པོ་ཁྱེད་ཀྱིས་སྲུང་། །བཟོད་པ་གསུམ་པོ་ཁྱེད་ཀྱིས་བསྒོམ། །བརྩོན་འགྲུས་གསུམ་པོ་ཁྱེད་ཀྱིས་བརྩམས། །བསམ་གཏན་གསུམ་ལ་ཁྱེད་ཉིད་གནས། །ཤེས་རབ་རྣམ་གསུམ་ཁྱེད་ལ་མངའ། །དེ་ཉིད་གསུམ་པོ་ཁྱེད་ཀྱིས་རྟོགས། །ལྟ་སྒོམ་སྤྱོད་གསུམ་ཁྱེད་ཉིད་བཟང་། །སྡོམ་པ་གསུམ་པོ་ཁྱེད་ཉིད་བཙུན། །ཏིང་འཛིན་རྣམ་གསུམ་ཁྱེད་ཉིད་བརྟན། །ཕྱི་རྒྱུད་གསུམ་པོ་ཁྱེད་ཀྱིས་མཁྱེན། །ནང་རྒྱུད་གསུམ་པོ་ཁྱེད་ཀྱིས་སྐྱོང་། །རྒྱུད་གསུམ་དགོངས་པ་ཁྱེད་ཀྱིས་བརྙེས། །བརྒྱུད་པ་གསུམ་ལྡན་ཁྱེད་ཉིད་ལགས། །བཀའ་གཏེར་དག་གསུམ་འཛིན་པའི་དཔལ། །རོང་ཀློང་འཇུ་གསུམ་བརྒྱུད་འཛིན་ཁྱེད། །སྡེ་གསུམ་བསྟན་པའི་སྙིང་པོ་དེ། །འཛིན་སྐྱོང་སྤེལ་གསུམ་ཁྱེད་ཀྱིས་མཛད། །སྐོར་གསུམ་བླ་མེད་དང་བཅས་པའི། །དབང་ལུང་ཁྲིད་གསུམ་ཁྱེད་ཀྱིས་སྤེལ། །མཁྱེན་བརྩེ་ནུས་གསུམ་ཁྱེད་ཀྱི་གཤིས། །གསང་གསུམ་ཡོན་ཏན་ཁྱེད་ལ་རྫོགས། །སྲིད་གསུམ་འདམ་དུ་བཞུགས་མོད་ཀྱང་། །སྒོ་གསུམ་པདྨ་ཁྱེད་ཉིད་གཙང་། །ཚུལ་གསུམ་རིགས་པའི་འོད་སྟོང་བཅས། །རྣམ་ཐར་གསུམ་གྱི་ཤེས་རབ་གསལ། །རང་གཞན་བར་གསུམ་ཕྱོགས་རིས་མེད། །ཕྱི་ནང་གསང་གསུམ་ཁྱེད་ལ་མེད། །ཐོག་མཐའ་བར་གསུམ་མཛད་སྤྱོད་ཀུན། །དགེ་བ་གསུམ་གྱི་རང་བཞིན་ཅན། །མཆོག་གསུམ་རྒྱལ་ཚབ་ཁྱེད་ཉིད་འོས། །རྩ་གསུམ་མགྲིན་ཚབ་ཁྱེད་ཉིད་ལེགས། །སྲིད་གསུམ་བླ་མར་ཁྱེད་ཉིད་བཟང་། །ཁམས་གསུམ་རྒྱན་དུ་ཁྱེད་ཉིད་མཛེས། །དད་པ་གསུམ་གྱིས་ཁྱེད་བསྟེན་ནས། །ལུས་ངག་ཡིད་གསུམ་ཁྱེད་ལ་འདུད། །མཉེས་པ་གསུམ་གྱིས་ཁྱེད་མཉེས་ཏེ། །འདི་ཕྱི་བར་གསུམ་མགོན་དུ་བསྙེན། །བཅུ་ཕྲག་གསུམ་ལོ་གསུམ་གྱུར་ཀྱང་། །གསང་གསུམ་རྒ་བའི་སྐྱོན་སྤངས་པ། །རིན་ཆེན་གསུམ་གྱི་གདུང་འཛིན་ཁྱོད། །འཇིག་རྟེན་གསུམ་གྱི་དཔལ་མགོན་དུ། །ཚེ་ལྷ་གསུམ་གྱི་མཐུ་ཐོབ་ནས། །དུས་གསུམ་འཕོ་འགྱུར་དང་བྲལ་བར། །རྡོ་རྗེ་གསུམ་གྱི་ངོ་བོ་རུ། །ཁམས་གསུམ་སྲིད་དུ་བཞུགས་གྱུར་ཅིག། །།

ཅེས་ཤིང་སྦྲུལ་ཟླ་བ་ ༢ པའི་ཚེས་ ༡༦ ལ་བོ་དྷི་རྩེའི་ཆོས་མཛོད་ཁང་དུ་ ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་མཁན་ཆེན་རྡོ་རྗེ་འཆང་པདྨ་པྲཛྙཱ་མཆོག་དངོས་སུ་མཇལ་མཐར་ཀརྨ་སཾ་པནྣ་མིང་པས་སྨོན་པའོ།།

Speeches

Opening Remarks at Cultural Atlas Workshop

2019 | Thimphu

Read it here.

Address at Gandhi Martyr’s Day

1992 | Bengaluru

Talk given during the Gandhi Martyr’s Day among Indian leaders in Karnataka.

Read it here

Talk During The ‘Quran Week’ Symposium

1992 | Bengaluru

Delivered to the ‘Student’s Islamic Organization’ in Bengaluru.

Read It Here

Rekindling The Light Of Saddharma

1992 | Bombay

Speech delivered at ‘Buddha ‘Dhamma Conference’ in Bombay.

Read It Here

Religious Experience and Struggle for Justice Freedom and Peace

1991 | Kochi

Speech delivered at World Conference of Religions.

Read it here

Interfaith Pilgrimage In Hope

1991 | Kochi

Speech delivered at the ‘Declaration Of The World Conference Of Religion’ in Kochi.

Read It Here

Religion, Religious Experience and the struggle for Justice Freedom and Peace

1991 | Kochi

Speech delivered during the World Conference of Religions in Kochi.

Read It Here

Buddhist Contribution In The Quest For Peace

1990 | Bangalore

Speech delivered during International Buddhist Convention, in Bangalore.

Read It Here